持明三喬梓於寧祖龍欽燃江尊涅槃日共誦
持明三喬梓於寧祖龍欽燃江尊涅槃日共誦《持明速寫紀念勝義妙詩》 གཞུང་ལུགས་ཤེས་བྱ་རྒྱ་མཚོའི་གནས་ཀུན་མཁྱེན།། མཁྱེན་པའི་ཡེ་ཤེས་རྒྱལ་བའི་དགོངས་པར་འབྱམས།། འབྱམས་ཀླས་ཆོས་ཀུན་རིག་པའི་གསང་བར་རྫོགས།། རྫོགས་པ་ཆེན་པོའི་ཤིང་རྟ་ཀློང་ཆེན་ཞབས།། སྣང་བ་ཨ་འཐས་ ལྕགས་རིས་བསྐོར་བའི་ནང་།། ཞེན་པ་སེམས་ཀྱི་ལྟ་བའི་མཁར་མཐོན་པོར།། འཛིན་པ་རྟག་ཆད་སྒོམ་པའི་མུན་ཅན་ལ། ཡེ་ཤེས་འོད་ཀྱི་མཐོངས་མཁའ་ཁྱེད་ཀྱིས་ཕྱེས།། སེམས་དབང་བཙན་པོས་བཙིར་བའི་གྲུབ་མཐའ་འབུམ།། མཛོད་ཆེན་སྙིང་ཏིག་ཆོས་སྡེའི་གཞུང་ཆེན་པོ།། ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་ལྟ་ཟབ་ཀྱིས།།སྣོད་བཅུད་རང་བཞིན་རྗེན་ཅེར་བསྟན་ཁྱེད་རྨད།། ཚེ་འདིར་ཀློང་ཆེན་བརྒྱུད་པའི་བླ་མ་མཇལ།། མན་ངག་སྙིང་པོའི་ཆོས་བཅུད་ལོངས་སྤྱོད་པའི།། ལས་བཟང་བསོད་ནམས་བཟང་པོའི་རྟེན་འབྲེལ་གྱིས།། ཆོས་ཉིད་དོན་རྟོགས་གཞན་དོན་སྙིང་རྗེས་འདྲེན།། ༢༠༢༦ ༢ ༤ཀློང་ཆེན་འདས་མཆོད་ལ་རྒྱ་ཀོང་རིག་འཛིན་མཐར་ཕྱིན། https://youtu.be/XzxoeNs0ng4?si=oIE7Kp_5xQ3sdFVc